![]() |
|
| བྱེ་བྲག་སྨྲ་བས་རྫས་གྲུབ་འདོད་ཚུལ་ལ་དཔྱད་པ། | ||
| 作者 | བཀྲ་ཤིས་དགེ་ལེགས། (著) |
|---|---|
| 出處題名 | བོད་ཀྱི་སྲིད་བྱུས་ཉམས་ཞིབ་དུས་དེབ།=Tibet Policy Journal |
| 卷期 | v.9 Final |
| 出版日期 | 2022 |
| 頁次 | 15 - 29 |
| 出版者 | The Tibet Policy Institute |
| 出版者網址 | https://tibetpolicy.net/ |
| 出版地 | Dharamsala, India [達蘭薩拉, 印度] |
| 資料類型 | 期刊論文=Journal Article |
| 使用語言 | 藏文=Tibetan |
| 關鍵詞 | ཀུན་བཏགས།; རྫས་གྲུབ།; འདུས་མ་བྱས།; དངོས་མེད། |
| 摘要 | ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་རྫས་བཏགས་གཉིས་ཀྱི་འདོད་ཚུལ་མི་མཐུན་པ་མང་པོ་ཡོད་པ་ལས་འདིར་གཙོ་བོ་རྫས་གྲུབ་སྐོར་ལ་དཔྱད་པ་བྱ་རྒྱུ་ཡིན་ཏེ། སྤྱིར་རྫས་བཏགས་འཇོག་ཚུལ་མི་འདྲ་བ་དུ་མ་ཡོད་དེ། དཔེར་ན། གཞི་གྲུབ་ཚད་ཀྱི་ཡོད་པ་ཙམ་ལ་རྫས་ཡོད་དང་། ཀུན་རྟོག་གི་ཡོད་པར་བཟུང་ནས་ཡང་དོན་ལ་ཡོད་པ་མིན་པ་ཟླ་གཉིས་ལྟ་བུ་ལ་བཏགས་ཡོད་དུ་འཇོག་ཚུལ་དང་། འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་རྫས་ཡོད་དང་། འདུས་མ་བྱས་ཀྱི་དངོས་མེད་ཐམས་ཅད་ལ་བཏགས་ཡོད་དུ་གསུངས། དེ་བཞིན་འདུས་མ་བྱས་ཀྱི་ཆོས་རྣམས་ལ་བརྟན་པ་མི་འགྱུར་བའི་རྫས་ཡོད་དང་། མི་ལྡན་པའི་འདུས་བྱེད་ཀུན་བཏགས་ཀྱི་ཆོས་རྣམས་ལ་བཏགས་ཡོད་དུ་གསུངས་པ་སོགས་བཤད་ཚུལ་མི་མཐུན་པ་དུ་མ་ཡོད་ཅིང་། གཞུང་སོ་སོའི་ཐད་དུ་རྫས་བཏགས་ཞེས་པའི་ཐ་སྙད་བཏགས་པ་དེ་དག་གང་དང་གང་གི་དབང་དུ་བྱས་ནས་བཏགས་པ་ཡིན་མིན་གྱི་དབྱེ་བ་སོ་སོར་འབྱེད་ཕྱེས་ཡོད། |
| 目次 | དོན་དམ་བདེན་པ་རྫས་སུ་ཡོད་ཚུལ། 22 སྟོང་ཉིད་ལ་དོན་དམ་བདེན་པས་ཁྱབ་པ། 27 |
| ISSN | 23942983 (P) |
| 點閱次數 | 68 |
| 建檔日期 | 2023.06.17 |
| 更新日期 | 2023.06.17 |
提示訊息
您即將離開本網站,連結到,此資料庫或電子期刊所提供之全文資源,當遇有網域限制或需付費下載情形時,將可能無法呈現。
